ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་མ་ཧ་ཏིར་ལ་ཞལ་པར་བསྐྱོན་པ།

2020-02-14 10:09:00     责编:sangjzm

སྤྱི་ཚེས་13ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར། མ་ལེ་ཞི་ཡའི་ཙུང་ལི་མ་ཧ་ཏིར་ལ་ཞལ་པར་བསྐྱོན་ཡོད། ཞི་ཅིན་ཕིང་གིས། ཙུང་ལི་སྐུ་ཞབས་ནི་ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཡིན། མིག་སྔར་ཀྲུང་གོའི་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་དྲག་པོ་བྱེད་པའི་འགག་རྩའི་དུས་འདིར། ཙུང་ལི་སྐུ་ཞབས་ནས་ང་རང་དང་ཁ་པར་རྒྱག་རྒྱུའི་གྲོས་འགོ་བཏོན་པ་དེ་ལས་མ་ལེ་ཞི་ཡས་ཀྲུང་གོར་བཅངས་པའི་མཛའ་སེམས་དང་རྒྱབ་སྐྱོར་གནང་ལུགས་མཚོན་ཡོད། རིམས་ནད་དབང་གིས་ཀྲུང་གོ་དང་མ་ལེ་ཞི་ཡའི་བར་མི་སྣའི་རྒྱུན་ལྡན་འགྲོ་འོང་ལ་གནས་སྐབས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད། འོན་ཀྱང་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟབ་མོར་གཡོ་འགུལ་ཐེབས་མི་སྲིད། ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་རིམས་ནད་ལ་ཁ་གཏད་གཅོག་པ་དང་དུས་མཚུངས་མུ་མཐུད་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ལྷག་པར་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་ཟབ་གཏོང་གིས་མཉམ་ལས་གྲུབ་འབྲས་དེ་བས་མང་བ་གཏོད་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་དགོས་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། རིམས་ནད་གནས་ཚུལ་ཐོན་ཚུན། ཀྲུང་གོའི་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། རྒྱལ་ཡོངས་གོང་འོག་སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཆེས་ཆ་ཚང་ལ། ཆེས་དོ་ནན་པ། ཆེས་མཐར་ཕྱིན་པ་བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་བཟུང་བར་ཕན་འབྲས་བཟང་པོ་ཐོབ་ཅིང་། རིམས་ནད་དབང་གིས་འཆི་ཚད་དེ་ཚད་གཞི་དམའ་པོ་རྒྱུན་འཁྱོངས་ཐུབ་པ་དང་། སྨན་བཅོས་བྱ་ཐབས་ལ་འགག་གཏོར་གསར་པ་བྱུང་བ། སྨན་བཅོས་དྲག་སྐྱེད་ཡོང་ཚད་མུ་མཐུད་མང་དུ་་སོང་བ་བཅས་བྱུང་ཡོད། ཀྲུང་གོའི་སྲིད་གཞུང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཆོད་སེམས་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཕིགས་ཇུས་འདོན་བཅས་ཀྱི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐར་ཕྱིན་པ་ལེན་རྒྱུ་ཡིན། ང་ཚོས་ཀྱང་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཚད་ཆུང་ཤོས་སུ་གཏོང་ཐུབ་ངེས་ཡིན་པ་དང་། ཀྲུང་གོའི་དཔལ་འབྱོར་གོང་འཕེལ་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ངེས་ཡིན་པ། ད་ལོའི་གོང་འཕེལ་གྱི་དམིགས་འབེན་ལས་འགན་མངོན་འགྱུར་ཐུབ་ངེས་ཡིན་པ་མ་ཟད། དུས་མཚུངས། མུ་མཐུད་དེ་ང་ཚོའི་རྒྱང་རིང་གི་དམིགས་འབེན་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོས་རིམས་ནད་ལ་དམིགས་པའི་ནུས་ལྡན་བྱ་ཐབས་བཟུང་བ་དེ་ནི་གཅིག་ནས་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་བདེ་ཐང་ལ་འགན་ཁུར་བ་ཞིག་ཡིན་ལ། གཉིས་ནས་འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་ལེགས་སྐྱེས་ཕུལ་བ་ཞིག་ཀྱང་ཡིན། དེར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་གདེང་འཇོག་བཟང་པོ་ཐོབ་ཡོད། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་ཐུན་མོང་འདུ་ཤེས་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་གྱིས་མཉམ་དུ་རིམས་ནད་ལས་རྣམ་པར་རྒྱལ་བ་བྱ་རྒྱུ་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ང་ཚོར་རྩ་ཆེའི་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང་། ལྷག་པར་དུ་མ་ལེ་ཞི་ཡ་སོགས་ཉེ་འཁོར་མཛའ་གྲོགས་རྒྱལ་ཁབ་ཀྱིས་སྲིད་གཞུང་ནས་དམངས་ཁྲོད་བར་བྱ་སྤྱོད་ཧུར་ཐག་བཟུང་ནས་ཀྲུང་གོར་འཁྱག་དུས་གོས་དང་ལྟོགས་དུས་ཟས་ཞེས་པའི་དཔེ་ལྟར་རོགས་རམ་གང་མང་བྱས་ཡོད། འདི་ནི་ས་ཁུལ་གྱི་རྒྱལ་ཁབ་བར་ཕན་ཚུན་རོགས་རམ་བྱེད་པའི་མངོན་ཚུལ་རྣལ་མ་ཞིག་རེད། ང་ཚོས་ཡོངས་གྲགས་དང་ཁ་གསལ་གྱི་རྣམ་འགྱུར་ཐོག་ནས་མ་ལེ་ཞི་ཡ་ཚུད་པའི་ཨེ་ཤི་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བར་སྔོན་འགོག་ཚོད་འཛིན་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། ང་ཚོས་རང་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་གཅེས་སྐྱོང་བྱས་པ་བཞིན་མ་ལེ་ཞི་ཡ་དང་དེ་མིན་རྒྱལ་ཁབ་ཀྱི་ཀྲུང་གོར་ཡོད་པའི་མི་སྣར་ལྟ་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

མ་ཧ་ཏིར་གྱིས་མ་ལེ་ཞི་ཡ་སྲིད་གཞུང་གི་ཚབ་ཞུས་ཏེ་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྐྱེན་ངན་འཕྲད་པར་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་དང་། ཁོང་གིས་མ་ལེ་ཞི་ཡའི་ཕྱོགས་ཀྱིས་ཀྲུང་གོས་རིམས་ནད་ལ་ཁ་གཏད་གཅོག་རྒྱུར་བཟུང་བའི་འབད་པ་ཆེན་པོ་དང་དེར་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་ཞུ་རྒྱུ་དང་། དེ་ནི་ཀྲུང་གོ་ཉིད་འགན་ཁུར་ཕོད་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས་འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོའི་གྲོགས་པོ་བཟང་པོ་ཡིན་པའི་ངོས་ནས་མ་ལེ་ཞི་ཡས་ཀྲུང་གོར་སྨན་བཅོས་དངོས་ཟོག་ཁག་ཅིག་མཁོ་འདོན་བྱ་རྒྱུ་མ་ཟད་མུ་མཐུད་དེ་ཀྲུང་གོར་དགོས་ངེས་ཀྱི་རོགས་རམ་བྱ་འདོད་ཡོད། ཨེ་ཤི་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོའི་ཕྱོགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་མཉམ་ལས་སྤེལ་འདོད་ཡོད། མ་ལེ་ཞི་ཡའི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀོད་འདོམས་དང་དབུ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ལ། ཀྲུང་གོའི་གོང་འཕེལ་མགྱོགས་མྱུར་སླར་གསོ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཀྱང་ཡོད། མ་ལེ་ཞི་ཡས་ཀྲུང་གོས་ཡུན་རིང་ནང་མ་ལེ་ཞི་ཡའི་གོང་འཕེལ་ཐད་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་ཞུ་རྒྱུ་དང་། ཀྲུང་གོའི་བར་གྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ཏེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐྱིད་པོ།
ཡིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་མ་ཧ་ཏིར་ལ་ཞལ་པར་བསྐྱོན་པ།

སྤྱི་ཚེས་13ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར། མ་ལེ་ཞི་ཡའི་ཙུང་ལི་མ་ཧ་ཏིར་ལ་ཞལ་པར་བསྐྱོན་ཡོད། ཞི་ཅིན་ཕིང་གིས། ཙུང་ལི་སྐུ་ཞབས་ནི་ཀྲུང་གོའི་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཡིན། མིག་སྔར་ཀྲུང་གོའི་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་དྲག་པོ་བྱེད་པའི་འགག་རྩའི་དུས་འདིར། ཙུང་ལི་སྐུ་ཞབས་ནས་ང་རང་དང་ཁ་པར་རྒྱག་རྒྱུའི་གྲོས་འགོ་བཏོན་པ་དེ་ལས་མ་ལེ་ཞི་ཡས་ཀྲུང་གོར་བཅངས་པའི་མཛའ་སེམས་དང་རྒྱབ་སྐྱོར་གནང་ལུགས་མཚོན་ཡོད། རིམས་ནད་དབང་གིས་ཀྲུང་གོ་དང་མ་ལེ་ཞི་ཡའི་