ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོའོ་དང་ཞལ་པར་བསྐྱོན་པ།

2020-02-12 10:58:00     责编:sangjzm

སྤྱི་ཚེས་11ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོ་དང་ཞལ་པར་སྐྱོན་པ་རེད།

ཞི་ཅིན་ཕིང་གིས། མིག་སྔར་ཀྲུང་གོ་འདི་ཉིད་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སུ་གནས་ཡོད་པས་སྐུ་ཞབས་ཙུང་ཐུང་གིས་ཞལ་པར་ཐོག་ནས་ངོས་དང་བཀའ་མོལ་གནང་བ་དེའི་ཐོག་ནས་ཧིན་རྡུ་ཉི་ཞི་ཡ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པའི་ངོས་ནས་ཀྲུང་གོར་བཅངས་པའི་བརྩེ་དུང་དང་རྒྱབ་སྐྱོར་མཚོན་ཡོད་པས། ཧིན་རྡུ་ཉི་ཡའི་གྲོགས་པོ་ཚོས་ཀྲུང་གོར་ཡིད་ཆེས་དང་བསམ་ཤེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པས། ལག་གདང་སྦྲེལ་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་རྒྱུ་དང་བྱས་རྗེས་དེ་བས་མང་བ་འཇོག་དགོས། ཀྲུང་གོའི་ཕྱོགས་ནས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་ཁྱིམ་མཚེས་མཛའ་གྲོགས་ཀྱི་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཡ་ཝན་མྱུར་བགྲོད་ལྕགས་ལམ་སོགས་“རྒྱུད་གཅིག་ལམ་གཅིག་”མཉམ་བསྐྲུན་གྱི་གཙོ་གནད་རྣམ་གྲངས་ལག་ལེན་ཡག་པོ་བསྟར་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱ་རྒྱུ་ནི་མིག་སྔའི་ཀྲུང་གོ་སྲིད་གཞུང་གི་དོན་ཆེན་ཨང་དང་པོ་ཡིན། ང་ཚོས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་བརྒྱབ་སྟེ། ཆེས་གཟབ་ནན་དང་ཆེས་མཐར་ཕྱིན་པའི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྤྱད་པས་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། ཀྲུང་ཧྭ་མི་རིགས་ནི་དཀའ་སྡུག་ཚད་མེད་མྱོང་བ་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་མི་རིགས་ཤིག་ཡིན་ཞིང་། དཀའ་ངལ་དང་འགྲན་སློང་ཇི་ཙམ་ཆེ་ན་དེ་ཙམ་གྱིས་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་བྱེད་ནུས་ཆེ་བ་ཡོད། རིམས་ནད་ལས་རྣམ་པར་རྒྱལ་བ་མ་ཟད། གཏན་ལ་ཕབ་པའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་དང་ལས་འགན་ཡང་ལེགས་འགྲུབ་ཐུབ་རྒྱུར་ང་ཚོར་ནུས་པ་དང་། སེམས་ཤུགས། གདེང་ཚོད་བཅས་ཡོད། ཀྲུང་གོ་ད་ཐེངས་ཀྱི་རིམས་ནད་ལས་རྣམ་པར་རྒྱལ་རྗེས་དེ་བས་དར་རྒྱས་གོང་འཕེལ་ཡོང་རྒྱུའི་ཡིད་ཆེས་ཡོད་ཅེས་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་འཁུར་བ་མ་ཟད། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལའང་འགན་འཁྲི་གཙང་སྒྲུབ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཡོངས་བསྒྲགས་དང་ཁ་གསལ་གྱི་རྣམ་འགྱུར་ཐོག་ནས་ཧིན་རྡུ་ཉི་ཞི་ཡ་ཚུད་པའི་རྒྱལ་ཁབ་ཁག་དང་མཉམ་དུ་སྔོན་འགོག་ཚོད་འཛིན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཁུལ་དང་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཡིན། ང་ཚོས་ཀྱང་མུ་མཐུད་དུ་རང་རྒྱལ་ཁབ་ཀྱི་སྤྱི་དམངས་དང་འདྲ་བར་ཧིན་རྡུ་ཉི་ཞི་ཡ་དང་རྒྱལ་ཁབ་གཞན་དག་གི་ཀྲུང་གོར་ཡོད་པའི་མི་སྣར་ལྟ་རྟོག་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། དཀའ་ངལ་འཕྲད་སྐབས་བརྩེ་སེམས་ངོ་མ་མངོན། རིམས་ནད་ཐོན་པ་ནས་བཟུང་ཧིན་རྡུ་ཉི་ཞི་ཡ་ཚུད་པའི་མཐའ་འཁོར་རྒྱལ་ཁབ་ཀྱིས་ང་ཚོར་ཕྱོགས་ཁག་གི་རྩ་ཆེའི་རྒྱབ་སྐྱོར་གནང་བ་དེའི་ཐོག་ནས་ཁྱིམ་མཚེས་དབར་བདེ་སྡུག་མཉམ་མྱོང་དང་། ཕྱར་བ་གྲུ་འདེགས། ཕན་ཚུན་རོགས་རེས་བཅས་བྱེད་ལུགས་མཚོན་ཡོད། ང་ཚོས་ས་ཁུལ་གྱི་རྒྱལ་ཁབ་ཁག་གིས་ལུགས་མཐུན་ངང་སྔོན་འགོག་ཚོད་འཛིན་བྱེད་པ་དང་ཆབས་ཅིག་ཕྱོགས་གཉིས་པོའི་འགྲོ་འོང་དང་མཉམ་ལས་ལ་སྲུང་སྐྱོང་ཧུར་ཐག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེ་ནི་ཕྱོགས་གཉིས་དང་ས་ཁུལ་དེ་གའི་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད་ཅེས་ནན་སྟོན་གནང་བ་རེད།

ཙུའོ་ཁོའོ་ནས་ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཕོག་པར་འཚམས་འདྲི་ཞུས་པ་རེད། ཙུའོ་ཁོའོ་ཡིས། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དཀའ་ངལ་འཕྲད་སྐབས་ཧིན་རྡུ་ཉི་ཞི་ཡ་ནི་ཀྲུང་གོའི་ལྷག་བསམ་རྣམ་དག་གི་རོགས་ཟླ་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་མི་དམངས་དང་མཉམ་དུ་ལངས་ནས་ཀྲུང་གོའི་མི་དམངས་དང་མཉམ་དུ་རིམས་ནད་ལས་རྣམ་པར་རྒྱལ་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་ལ་སྨན་བཅོས་འགོག་སྲུང་མཁོ་ཆས་ཁག་ཅིག་མཁོ་འདོན་ཞུས་ཡོད། གལ་ཏེ་ཀྲུང་གོ་ཕྱོགས་ལ་དགོས་མཁོ་ཡོད་ཚེ་ཧིན་རྡུ་ཉི་ཞི་ཡས་ཀྲུང་གོར་མུ་མཐུད་དགོས་ངེས་ཀྱི་གཞོགས་འདེགས་བྱ་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད། ད་ཐེངས་ཀྱི་རིམས་ནད་ཀྱི་ཚོད་བགམ་ཐེབས་པ་བརྒྱུད་ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་འགྲོ་རྒྱུ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོའོ་དང་ཞལ་པར་བསྐྱོན་པ།

ཞི་ཅིན་ཕིང་གིས། མིག་སྔར་ཀྲུང་གོ་འདི་ཉིད་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སུ་གནས་ཡོད་པས་སྐུ་ཞབས་ཙུང་ཐུང་གིས་ཞལ་པར་ཐོག་ནས་ངོས་དང་བཀའ་མོལ་གནང་བ་དེའི་ཐོག་ནས་ཧིན་རྡུ་ཉི་ཞི་ཡ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པའི་ངོས་ནས་ཀྲུང་གོར་བཅངས་པའི་བརྩེ་དུང་དང་རྒྱབ་སྐྱོར་མཚོན་ཡོད་པས། ཧིན་རྡུ་ཉི་ཡའི་གྲོགས་པོ་ཚོས་ཀྲུང་གོར་ཡིད་ཆེས་དང་བསམ་ཤེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་