ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཁ་ཐར་གྱི་རྒྱལ་པོ་ཐ་སྨི་མུའུ་དང་ཞལ་པར་བསྐྱོན་པ།

2020-02-12 10:33:00     责编:sangjzm

འདི་ག་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་11ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཁ་ཐར་གྱི་རྒྱལ་པོ་ཐ་སྨི་མུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་འགག་རྩའི་དུས་སུ། ཁ་ཐར་ཕྱོགས་ཀྱིས་ཀྲུང་གོར་རྒྱབ་སྐྱོར་བྱ་རྒྱུའི་རྣམ་པ་ཐེངས་མང་བསྟན་པ་དང་འབྲེལ་ཁ་ཐར་མཁའ་འགྲུལ་དྲ་རྒྱ་བརྒྱུད་ཀྲུང་གོར་རིམས་ནད་འགོག་བཅོས་ཀྱི་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུར་རོགས་རམ་བྱས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བསྔགས་བརྗོད་བྱ་རྒྱུ་ཡིན། ཉམས་སད་ཐེག་པའི་དཀའ་སྡུག་མཉམ་མྱོང་གི་བརྩེ་བས་ཀྲུང་གོའི་མི་དམངས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། ཀྲུང་གོས་ཀྲུང་གོ་དང་ཁ་ཐར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཁ་ཐར་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། རིམས་ནད་ཐོན་ཚུན། ཀྲུང་གོས་རྒྱལ་ཡོངས་གོང་འོག་ཀུན་ནས་བྱ་སྤྱོད་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་ཁ་གཏད་བཅག་པ་དང་། ཆེས་མཐར་ཕྱིན་པ་དང་ཆེས་ནན་པའི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྤྱད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་ཅིག་བརྒྱབ་ཡོད། མིག་སྔར། ང་ཚོའི་སྔོན་འགོག་ཚོད་འཛིན་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་བཞིན་ཡོད། ཀྲུང་གོའི་མི་དམངས་ཀྱི་མི་བརྒྱ་སེམས་གཅིག་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་བཟང་ཆ་དང་། དངོས་པོ་དང་ལག་རྩལ་གྱི་རྨང་གཞི་སྟོབས་ཆེན། དེ་བཞིན་ཕུན་སུམ་ཚོགས་པའི་ལག་ལེན་གྱི་ཉམས་མྱོང་བཅས་ལ་བརྟེན་ན། རིམས་ནད་སྔོན་འགོག་དང་བཀག་སྡོམ་གྱི་དམག་འཐབ་འདིར་རྒྱལ་ཁ་ལེན་རྒྱུའི་ཐད་ང་ཚོར་སེམས་ཤུགས་དང་། ནུས་པ། གདེང་ཚོད་བཅས་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོས་ཀྲུང་གོ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་འཁུར་བ་མ་ཟད་འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཀྲུང་གོས་ནུས་ལྡན་གྱི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྤྱད་པར་བརྟེན་རྒྱལ་སྤྱིའི་ཐོག་གཞི་ཁྱོན་ཆེན་པོས་འགོས་ཁྱབ་བྱུང་མེད། རྒྱལ་ཁབ་ཁག་གིས་ཀྱང་དུས་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཡུལ་སྐོར་དང་འཕྲོད་བསྟེན་སྐོར་གྱི་མཛུབ་སྟོན་བསམ་འཆར་རྒྱུས་ལོན་དང་དེར་བརྩི་སྲུང་ཞུ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁ་ཐར་དང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས། རིམས་ནད་ཀྱི་གནས་ཚུལ་གསར་ཤོས་དུས་ཐོག་ཏུ་བརྡ་ཁྱབ་གཏོང་རྒྱུ་དང་། ཀྲུང་གོར་ཡོད་པའི་ཁ་ཐར་གྱི་སྤྱི་དམངས་ཀྱི་འཚོ་བ་དང་བདེ་ཐང་འགན་ལེན་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།

ཐ་སྨི་མུས་ཁ་ཐར་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་འགོག་བཅོས་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱ་རྒྱུའི་རྣམ་པ་བསྟན་པ་དང་། སྟབས་མ་ལེགས་པར་ནད་ཕོག་ནས་གྲོངས་མཁན་ལ་མྱ་ངན་ཞུས་ཤིང་ཁོང་ཚོའི་ནང་མིར་འཚམས་འདྲི་ཞུས་པ། ནད་པ་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་ཡོད་པ་རེད། ཐ་སྨི་མུས། ཁ་ཐར་ཕྱོགས་ཀྱིས་ཀྲུང་གོས་བྱ་ཐབས་ནུས་ལྡན་སྤྱད་པར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོར་ནད་ཡམས་ལས་རྣམ་པར་རྒྱལ་རྒྱུ་དང་མིག་སྔའི་དཀའ་ངལ་ཁྱད་བསད་བྱ་རྒྱུའི་ནུས་པ་དང་གདེང་ཚོད་ཡོད་པར་རྦད་དེ་ཡིད་ཆེས་ཡོད། ཀྲུང་གོར་གྲུབ་འབྲས་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཀྲུང་གོ་མི་དམངས་ནི་ཁ་ཐར་གྱི་གྲོགས་པོ་བཟང་པོ་ཡིན་པས། ཁ་ཐར་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་མི་དམངས་དང་མཉམ་དུ་ལངས་རྒྱུ་ཡིན། ཁ་ཐར་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གྲོས་འགོར་བརྩི་སྲུང་ནན་པོ་ཞུ་རྒྱུ་དང་། ངས་ཁ་ཐར་འཕྲོད་བསྟེན་སྒྲིག་གཞིས་ཀྲུང་གོ་ཕྱོགས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པའི་མཛུབ་སྟོན་བྱ་རྒྱུ་ཡིན། གལ་ཏེ་ཀྲུང་གོ་ཕྱོགས་ལ་དགོས་མཁོ་གང་ཞིག་ཡོད་ན། ཁ་ཐར་ནས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་ཕྱོགས་ལ་རོགས་རམ་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད། ཁ་ཐར་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཁ་ཐར་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཁ་ཐར་གྱི་རྒྱལ་པོ་ཐ་སྨི་མུའུ་དང་ཞལ་པར་བསྐྱོན་པ།

ཞི་ཅིན་ཕིང་གིས། ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་འགག་རྩའི་དུས་སུ། ཁ་ཐར་ཕྱོགས་ཀྱིས་ཀྲུང་གོར་རྒྱབ་སྐྱོར་བྱ་རྒྱུའི་རྣམ་པ་ཐེངས་མང་བསྟན་པ་དང་འབྲེལ་ཁ་ཐར་མཁའ་འགྲུལ་དྲ་རྒྱ་བརྒྱུད་ཀྲུང་གོར་རིམས་ནད་འགོག་བཅོས་ཀྱི་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུར་རོགས་རམ་བྱས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བསྔགས་བརྗོད་བྱ་རྒྱུ་ཡིན། ཉམས་སད་ཐེག་པའི་དཀའ་སྡུག་མཉམ་མྱོང་གི་བརྩེ་བས་ཀྲུང་གོའི་མི་དམངས་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད། ཀྲུང་