ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

2020-01-13 09:35:00     责编:卓玛才让

སྤྱི་ཚེས་13ཉིན་དཔེ་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་འགོ་བརྗོད་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བྱེད་ཅེས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ་ཞེས་པ་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་། རང་རེའི་ཏང་ནི་རྒྱལ་ཁབ་ནང་རྩོད་ཕྱི་འཁྲུག་དང་མི་རིགས་ལ་དཀའ་ཉེན་འཕྲད་སྐབས་དབུ་བརྙེས་པ་ཞིག་ཡིན་པ་དང་། དབུ་བརྙེས་མ་ཐག་འཐབ་རྩོད་ཀྱི་རྗེས་ཤུལ་རྡོ་ལ་རི་མོ་བརྐོས་ཡོད་ཅིང་། དབུ་བརྙེས་པ་ནས་ད་ལྟའི་བར་འཐབ་རྩོད་ཁྲོད་འཚོ་གནས་དང་། འཕེལ་རྒྱས། རྒྱལ་ཁ་ཐོབ་པ་བཅས་བྱུང་ཡོད་ཅེས་བསྟན་ཡོད་པ་རེད།

རྩོམ་ཡིག་ནང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བྱས་ཏེ། ལས་གནས་གང་ཞིག་ཏུ་གནས་ན་ལས་གནས་དེའི་ལས་དོན་ཡག་པོ་སྒྲུབ་པ་དང་། འགན་འཁྲི་གང་ཞིག་འཁུར་ན་འགན་འཁྲི་དེ་ཡག་པོ་བསྒྲུབས་ཚེ། ང་ཚོས་དམིགས་ཚད་ལས་འགན་ཁག་རྒྱལ་ཁའི་ངང་མངོན་འགྱུར་ཐུབ་ནས། དེ་རིང་གི་འབད་འཐབ་ལ་བརྟེན་ཏེ་འབྱུང་འགྱུར་གྱི་གཟི་བརྗིད་ལྡན་པའི་གྲུབ་འབྲས་ཐོབ་པ་བྱེད་ཐུབ་ཅེས་ནན་སྟོན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།