ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཨ་མན་གྱི་རྒྱལ་པོ་ཁ་པུ་སི་སྐུ་གཤེགས་པའི་ཐད་ཨ་མན་གྱི་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་པོ་ཧའེ་སའེ་མུའུ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ།

2020-01-13 09:34:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མན་གྱི་རྒྱལ་པོ་ཁ་པུ་སི་སྟབས་མི་ལེགས་པར་སྐུ་གཤེགས་པའི་ཐད་ཨ་མན་གྱི་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་པོ་ཧའེ་སའེ་མུའུ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་གནང་བ་དང་ཁོང་སྒེར་གྱི་མིང་ཐོག་ནས་རྒྱལ་པོ་ཁ་པུའུ་སི་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་གནང་བ་དང་། རྒྱལ་པོ་ཁ་པུ་སིའི་གཉེན་ཉེ་དང་དེ་བཞིན་ཨ་མན་གྱི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་གསོས་འཚམས་འདྲི་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས། རྒྱལ་པོ་ཁ་པུ་སི་ནི་ཨ་མན་གྱི་ཕུལ་བྱུང་འགོ་ཁྲིད་ཅིག་ཡིན་པ་དང་། ཨ་མན་གྱི་འཕེལ་རྒྱས་འཛུགས་སྐྲུན་ལ་སྐུལ་འདེད་དང་དབུས་ཤར་མཚོ་ཁུག་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅིང་། ཨ་མན་མི་དམངས་ཀྱིས་དད་གུས་དང་གུས་བཀུར་ཆེན་པོ་བྱེད་ཀྱི་ཡོད། རྒྱལ་པོ་ཁ་པུ་སི་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཞིག་ཡིན་ཞིང་། ཀྲུང་གོ་དང་ཨ་མན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་དང་ཨ་མན་གྱི་མཛའ་གྲོགས་ལ་བརྩི་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་ཀྲུང་གོ་དང་ཨ་མན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཨ་མན་གྱི་རྒྱལ་པོ་ཁ་པུ་སི་སྐུ་གཤེགས་པའི་ཐད་ཨ་མན་གྱི་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་པོ་ཧའེ་སའེ་མུའུ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ།