ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོ་ཞེས་པའི་དྲན་གསོའི་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

2019-11-28 10:31:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་11པའི་ཚེས་27ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོ་ཞེས་པའི་དྲན་གསོའི་ཚོགས་ཆེན་སྐོང་འཚོགས་བྱས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཡོད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་། ཕ་ལེ་སི་ཐན་གྱི་གནད་དོན་ནི་དབུས་ཤར་གནད་དོན་གྱི་ལྟེ་བ་ཡིན། ཕ་ལེ་སི་ཐན་གྱི་གནད་དོན་ཁྱོན་ཡོངས་དང་གཞུང་དྲང་སྒོ་ནས་ཐག་གཅོད་བྱས་ཏེ་ཕ་ལེ་སི་ཐན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་དང་། ཐུན་མོང་གོང་འཕེལ་ཡོང་བ་བྱ་རྒྱུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ནས་གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་། ས་ཞིང་དང་ཞི་བདེ་བརྗེ་རེས་ཞེས་པའི་རྩ་དོན་དང་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ཞེས་པའི་ཁ་ཕྱོགས་ཆེན་པོ་བཅས་རྒྱུན་འཁྱོངས་བྱས་ཏེ། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་གྲོས་སླར་གསོ་ཡོང་ཆེད་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་འཁོད་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་ནི་ཕ་ལེ་སི་ཐན་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་ཡག་པོ་དང་། རོགས་ཟླ་ཡག་པོ། སྤུན་ཟླ་ཡག་པོ་བཅས་ཡིན་ལ། ཕ་དབྱི་ཞི་གྲོས་ལ་རྒྱལ་སྐྱོར་མཐའ་གཅིག་ཏུ་བྱེད་མཁན་དེ་ཡང་ཡིན། ཀྲུང་གོའི་ཕྱོགས་ནས་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་གྱི་བྱ་གཞག་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། སྤྱི་ལོ་1996ལོའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་། ཤར་ཅེ་རུས་ས་ལེམ་གྱིས་རྒྱལ་ས་བྱེད་པ། བདག་དབང་ཆ་ཚང་ཡོད་པ། རང་བཙན་ཡིན་པ་བཅས་ཀྱི་ཕ་ལེ་སི་ཐན་རྒྱལ་ཁབ་ཞིག་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་ཕ་དབྱི་ཞི་གྲོས་ལ་སྐུལ་འདེད་བཏང་སྟེ། དབུས་ཤར་ས་ཁུལ་གང་མགྱོགས་ཁྱོན་ཡོངས་དང་། གཞུང་དྲང་། ཡུན་རིང་ཞི་བདེ་བཅས་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

▶ཀྲུང་ཨུ་ལ་བཀག་སྡོམ་བྱེད་པ་ནི་རང་གིས་རང་ལ་མེ་མདས་བརྒྱབ་པ་དང་འདྲ།

ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་བཀག་སྡོམ་བྱེད་པ་ནི་ཨ་རིས་རང་གི་མགོ་ཐོག་ཏུ་མེ་མདས་བརྒྱབ་པ་ཞིག་རེད་ཅེས་བཤད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་ནས་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོ་ཞེས་པའི་དྲན་གསོའི་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།