ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་སུའུ་རི་ནམ་གྱི་ཙུང་ཐུང་པའོ་ཐེ་སེ་དང་མཇལ་མོལ་གནང་བ།

2019-11-28 10:25:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་27ཉིན་མི་དམངས་ཚོགས་ཁང་ཆེན་མོར་སུའུ་རི་ནམ་གྱི་ཙུང་ཐུང་པའོ་ཐེ་སེ་དང་མཇལ་མོལ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག ཀྲུང་གོ་དང་སུའུ་རི་ནམ་བར་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་གནང་ཡོད།

མཇལ་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་སུའུ་རི་ནམ་གྱི་ཙུང་ཐུང་ཏེ་ཞི·ཏེ་ལ་ནོ· པའོ་ཐེ་སིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་གུས་ལུགས་མེ་སྒྱོགས་ཐེངས་21བརྒྱབ་ཡོད། དམག་དཔུང་རོལ་ཆ་རུ་ཁག་གིས་སུའུ་ཀྲུང་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་མཛད་ཡོད། པའོ་ཐེ་སེས་ཞི་ཅིན་ཕིང་གི་ཕེབས་རོགས་གནང་བའི་འོག ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་ཡང་ཅེ་ཁྲེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧྲེན་ཡུའེ་ཡུའེ། རྒྱལ་དོན་ཨུ་ཡོན་ཝང་དབྱིས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧེ་ལིད་ཧྥེང་དང་ཧྲའོ་ཧུང་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད། པའོ་ཐེ་སེར་ཕེབས་རོགས་ཞུ་མཁན་གྲས་སུ་ཙུང་ཐུང་གི་སྐུ་ཟླ་དང་། ཕྱི་འབྲེལ་པུའི་པུའུ་ཀྲང་། ནོར་སྲིད་པུའི་པུའུ་ཀྲང་། ཉོ་ཚོང་དང་། བཟོ་ལས། ཡུལ་སྐོར་པུའི་པུའུ་ཀྲང་སོགས་ཡོད་པ་རེད། པའོ་ཐེ་སེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་རང་རྒྱལ་དུ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་ཞིག་རེད

དགའ་བསུ་ཞུ་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཙུང་ཐུང་པའོ་ཐེ་སེ་དང་མཇལ་མོལ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག ཀྲུང་སུའུ་རྒྱལ་ཁབ་གཉིས་པོའི་བར་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་གནང་ཡོད། ཞི་ཅིན་ཕིང་གིས། སུའུ་རི་ནམ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་མཁན་གྱི་ཀ་ལེ་པེའི་རྒྱལ་ཁབ་དང་པོའི་གྲས་རེད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་43སོང་ཚུན། སྔ་བར་ཕྱི་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་ཡིད་ཆེས་བཅས་བྱས་པས། ཀྲུང་སུའི་འབྲེལ་བ་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ཀ་ལེ་པིའི་རྒྱལ་ཁབ་འབྲེལ་བའི་མདུན་གྲལ་དུ་གནས་པ་མ་ཟད། རྒྱལ་ཁབ་ཆེ་ཆུང་མཛའ་གྲོགས་མཉམ་གནས་ནས་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་དཔེ་སྟོན་ལྟ་བུར་བརྗོད་བཞིན་ཡོད། ཀྲུང་སུའི་འབྲེལ་བ་གོང་འཕེལ་དེ་ད་ལྟ་ལོ་རྒྱུས་ཀྱི་དུས་མཚམས་གལ་ཆེན་དུ་གནས་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་སུའུ་ལེ་ནམ་དང་ཐུན་མོང་འབད་བརྩོན་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ་ཀྲུང་སུའི་འབྲེལ་བ་སྔར་བས་ཆུ་ཚད་མཐོ་བའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་སུའུ་རྒྱལ་ཁབ་གཉིས་པོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བ་དང་། མུ་མཐུད་ལྟེ་བའི་ཁེ་ཕན་དང་གལ་ཆེའི་དོ་ཁུར་བྱེད་པའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་ཡོང་རྒྱུ་བཅས་ཀྱི་ཆོད་སེམས་བློ་བརྟན་འགྱུར་མེད་ཡིན་པས། སུའུ་ལེ་ནམ་ཕྱོགས་ནས་དེའི་ཐད་རྒྱབ་སྐྱོར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྱང་སྔར་རྒྱུན་བཞིན་སུའུ་ལི་ནམ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོང་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་མྱུར་པོ་གཏོང་བའི་ཐད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། ཞིང་ནགས་ཉ་གསུམ་གྱི་ལས་རིགས། འཕྲིན་གཏོང་། ནུས་རྒྱུ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ནུས་རྒྱུ་གསར་པ་དང་། གྲངས་ཀའི་དཔལ་འབྱོར། ཡུལ་སྐོར། མཚོ་ཐོག་དཔལ་འབྱོར་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་གསར་སྤེལ་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་འཇོན་ཐང་ལྡན་པའི་ཀྲུང་གོས་མ་དངུལ་བཏང་བའི་ཁེ་ལས་སུའུ་ལེ་ནམ་དུ་བྱ་གཞག་གོང་འཕེལ་གཏོང་དུ་འགྲོ་རྒྱུར་སྐུལ་ལྕག་བྱ་རྒྱུ་ཡིན། སུའུ་ལི་ནམ་ནི་ཀ་ལེ་པི་ས་ཁུལ་གྱི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་ཀྲུང་གོ་བ་མང་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་དང་། མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་དང་། མི་སྣའི་འགྲོ་འོང་སྟབས་བདེ་རུ་གཏོང་བ། སློབ་གསོ་དང་ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོའི་ཕྱོགས་ནས་སུའུ་ལི་ནམ་དུ་སྨན་བཅོས་ཆེད་ལས་མཁས་པའི་ཚོགས་ཆུང་མངགས་གཏོང་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་གོ་ལའི་རང་བཞིན་གྱི་གནད་དོན་ཐད་ཕན་ཚུན་སྤེལ་རེས་དང་མཐུན་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཕྱོགས་མང་རིང་ལུགས་ལག་བསྟར་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱེད་པ། རྒྱལ་ཁབ་གཉིས་པོ་དང་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་རྒྱལ་ཁབ་མང་པོ་འཛོམས་སར་སུའུ་ལི་ནམ་གྱི་ཆེད་བདེན་པའི་དྲང་གཏམ་ཤོད་པ་དང་། སུའུ་ལི་ནམ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་ཐུན་མོང་ལག་གདང་སྦྲེལ་བ་བརྒྱུད་དགེ་མཚན་ལྡན་པའི་སྒོ་ནས་གོ་ལའི་གནམ་གཤིས་ཀྱི་ཕྱོགས་མང་འཕེལ་རིམ་ནང་ཞུགས་འདོད་ཡོད་ཅེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་། ལ་ཏིང་ཨ་མེ་རི་ཁ་དང་། ཀ་ལེ་པིའི་རྒྱལ་ཁབ་ཚང་མ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་གསར་དར་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཤ་སྟག་རེད། ཀྲུང་གོའི་ཕྱོགས་ནས་ལ་ཏིང་ཨ་མེ་རི་ཁའི་མི་དམངས་ནས་རང་བརྟེན་གདམ་ག་བྱས་པའི་གོང་འཕེལ་འགྲོ་ལམ་གྱི་ཁེ་དབང་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། ལ་ཏིང་ཨ་མི་རེ་ཁའི་གཞི་གཅིག་ཅན་གྱི་འཕེལ་རིམ་དང་། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པ་བརྒྱུད་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཀྲུང་ལའི་འབྲེལ་བ་ཉེ་བའི་ལོ་ཤས་རིང་གོང་འཕེལ་ཤུགས་ཆེན་ཕྱིན་ནས། ཕྱོགས་གཉིས་པོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་མང་པོ་བསྐྲུན་ཡོད་ལ། ས་ཁུལ་དར་རྒྱས་བརྟན་ལྷིང་ཐུབ་རྒྱུར་ཡང་ཕན་པ་བསྐྲུན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ལ་ཏིང་ཨ་མི་རི་ཁ་ཕྱོགས་དང་ལྷན་དུ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འདྲ་མཉམ་གྱི་ལྟ་སྟངས་དང་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་ལྟར། ཀྲུང་ལའི་མཉམ་ལས་དངོས་སྒྲུབ་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
པའོ་ཐེ་སེ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལེགས་གྲུབ་ཡོང་ངེས་དང་། ཀྲུང་གོའི་མི་དམངས་དང་འཛམ་གླིང་ཡོངས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་གནང་ཡོད།

པའོ་ཐེ་སེ་ཡིས། ད་ཐེངས་རང་ཉིད་ཀྲུང་གོར་འཚམས་འདྲིར་ཡོང་བར་ལོ་རྒྱུས་དང་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། སུའུ་རི་ནམ་དང་ཀྲུང་གོའི་མཛའ་ཤེས་ཀྱི་ལོ་རྒྱུས་ཡུན་རིང་བ་དང་། སུའུ་རི་ནམ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་ཀྲུང་གོར་རྒྱལ་ཁབ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་མངོན་འགྱུར་ཡོང་བར་རྒྱབ་སྐྱོར་ཞུ་བཞིན་ཡོད། ཤང་ཀང་གི་བྱ་དོན་ནི་རྦད་དེ་ཀྲུང་གོའི་ནང་སྲིད་ཡིན་པས། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱ་སྤྱོད་མཐའ་དག་ལ་སུའུ་རི་ནམ་ཕྱོགས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོའི་སྲིད་གཞུང་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་ཐབས་བཟུང་སྟེ། རྒྱལ་ཁབ་དང་ལྷག་པར་དུ་ཤིན་ཅང་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དབང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སུའུ་རི་ནམ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆེད་རོགས་རམ་གནང་བར་སུའུ་རི་ནམ་ཕྱོགས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་བར་བང་རིམ་ཁག་གི་འགྲོ་འོང་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་ཉོ་ཚོང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་གོ་སྐབས་སུ་བརྩིས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཐབ་ཇུས་ཆུ་ཚད་མཐོ་རུ་གཏོང་འདོད་ཡོད། ཕྱོགས་རྐྱང་པའི་རིང་ལུགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་འདྲ་མཉམ་ལ་གཏོར་བཤིག་བཏང་བ་དང་། ལ་ཏིང་ཨ་མེ་རི་ཁ་སོགས་ས་ཁུལ་དང་རྒྱལ་སྤྱིའི་དུས་བབ་ལ་མཇུག་འབྲས་ངན་པ་བཟོས་ཡོད། སུའུ་རི་ནམ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་ལྷན་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོང་བྱེད་འདོད་ཡོད། སུའུ་རི་ལམ་ཕྱོགས་ཀྱིས་ལ་ཏིང་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

གྲོས་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཀྲུང་གོ་དང་སུའུ་རི་ནམ་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཉམ་ལས་འཆར་འགོད་དང་ཁྱོན་ཡོངས་ནས་ཕན་ཚུན་འཐུས་མཆན་འགོད་མི་དགོས་པ་སོགས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད། རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སུའུ་རི་ནམ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསར་འགྱུར་སྤྱི་བསྒྲགས་ཞེས་པ་སྤེལ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཀྲུང་ཨུ་ལ་བཀག་སྡོམ་བྱེད་པ་ནི་རང་གིས་རང་ལ་མེ་མདས་བརྒྱབ་པ་དང་འདྲ།

ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་བཀག་སྡོམ་བྱེད་པ་ནི་ཨ་རིས་རང་གི་མགོ་ཐོག་ཏུ་མེ་མདས་བརྒྱབ་པ་ཞིག་རེད་ཅེས་བཤད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་སུའུ་རི་ནམ་གྱི་ཙུང་ཐུང་པའོ་ཐེ་སེ་དང་མཇལ་མོལ་གནང་བ།