ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཀེ་རེ་སིར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད་པར་ཙིར་དུ་ཕེབས་ནས་འབོ་སེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་གཅིག་པར་ཞུགས་གནང་རྒྱུ་ཡིན་པ།

2019-11-08 15:03:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཀེ་རེ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཕ་ཧྥུ་ལོ་ཕུ་སི་དང་། པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པོ་ས་ནོ་ལའི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་11པའི་ཚེས་10ནས་ཚེས་15ཉིན་བར་ཀེ་རི་སིར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད། པར་ཙིར་དུ་ཕེབས་ནས་པར་ཙིར་ལི་ཡར་སྐོང་འཚོགས་བྱ་རྒྱུའི་འབོ་སེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་གཅིག་པར་ཞུགས་གནང་རྒྱུ་ཡིན་པ་རེད། སྤྱི་ཚེས་7ཉིན། ཕྱི་འབྲེལ་པུས་ཀྲུང་ཕྱིའི་སྨྱན་སྦྱོར་སྐུལ་སློང་ཚོགས་འདུ་སྐོང་འཚོགས་བྱས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ཞུས་ཡོད་པ་རེད།

ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཆིན་ཀང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་11པའི་ཚེས་10ཉིན་ནས་ཚེས་12ཉིན་བར་ཀེ་རེ་སིར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་རེད། ཀྲུང་གོ་དང་ཀེ་རེ་སི་ནི་ཕན་ཚུན་བརྩི་བཀུར་དང་། སོ་སྲུང་རོགས་རེས་བྱེད་མཁན་གྱི་གྲོགས་པོ་བཟང་པོ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་། མཉམ་ལས་མཉམ་རྒྱལ་གྱི་གྲོགས་པོ་བཟང་པོ། མི་དམངས་མཛའ་བརྩེའི་གྲོགས་པོ་བཟང་པོ། 17+1མཉམ་ལས་ཀྱི་གྲོགས་པོ་གསར་པ་བཅས་ཡིན། ད་ཐེངས་ཀྱི་འཚམས་འདྲི་གནང་བ་བརྒྱུད་ཀྲུང་གོ་དང་ཀེ་རེ་སིའི་འབྲེལ་བ་གོང་འཕེལ་ལ་སྔ་ཤུལ་རྗེས་འཛིན་དང་། མ་འོངས་སྒོ་འབྱེད་ཀྱི་ལོ་རྒྱུས་དོན་སྙིང་ལྡན་ཡོད་ལ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་གོང་འཕེལ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་ལ་སྒུལ་ཤུགས་གསར་པ་ཡང་སྣོན་རྒྱུ་ཡིན་པ་རེད། འཚམས་འདྲི་གནང་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁག་སོ་སོར་ཙུང་ཐུང་ཕ་ཧྥུ་ལོ་ཕུ་སི་དང་། ཙུང་ལི་མི་ཙོ་ཐ་ཅི་སི་དང་གྲོས་མོལ་གནང་བ་བརྒྱུད། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དང་སྲོལ་རྒྱུན་མཛའ་ཤེས་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་དང་། ཉོ་ཚོང་མ་འཇོག་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ། ཕྱོགས་མང་རིང་ལུགས་དང་། རང་མོས་ཉོ་ཚོང་ལག་ལེན་བསྟར་རྒྱུ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བཅས་གནང་རྒྱུ་ཡིན་པ་རེད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ད་དུང་རིག་གནས་སྤེལ་རེས་གནང་ནས། ཐུན་མོང་ཐོག་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་གནང་རྒྱུ་རེད་ཅེས་བསྟན་ཡོད།

ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་མ་ཀྲའོ་ཤུད་ཀྱིས། འབོ་སེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་བཅུ་གཅིག་པ་དེ་སྤྱི་ཟླ་11པའི་ཚེས་13ནས་ཚེས་14ཉིན་བར་པར་ཙིར་ལི་ཡར་སྐོང་འཚོག་བྱ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་གྲོས་མོལ་ནང་ཞུགས་རྒྱུ་ཡིན་པ་རེད། དེ་ནི་ཀྲུང་གོས་གསར་དར་ཁྲོམ་ར་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁ་ཕྱོགས་པའི་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་ཞིག་རེད། སྐབས་དེར། ཀྲུའུ་ཞི་ཞི་ཅིན་ཕིང་འབོ་སེར་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཀྱི་མཇུག་སྒྲིལ་མཛད་སྒོ་དང་། འགོ་ཁྲིད་མི་སྣའི་མཇལ་འཛོམས་ཀྱི་ནང་མོལ་ཚོགས་འདུ་དང་། ཡོངས་བསྒྲགས་ཚོགས་འདུ། འབོ་སེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་ལྷན་དུ་འབོ་སེར་རྒྱལ་ཁབ་ཀྱི་བཟོ་ཚོང་ལས་འཛིན་ལྷན་ཚོགས་དང་། གསར་སྤེལ་དངུལ་ཁང་ཁག་གི་བགྲོ་གླེང་ཚོགས་འདུ་སོགས་བྱེད་སྒོ་རབ་དང་རིམ་པར་ཞུགས་གནང་རྒྱུ་མ་ཟད་གསུང་བཤད་གལ་ཆེན་གནང་རྒྱུ་ཡིན་པ་རེད། གྲོས་ཚོགས་ཐོག་འགོ་ཁྲིད་མི་སྣའི་གསལ་བསྒྲགས་སྤེལ་རྒྱུ་ཡིན་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་པོ་སོ་ན་ལོ་དང་གྲོས་མོལ་གནང་གནང་རྒྱུ་དང་། ཁྱབ་ཁོངས་མང་པོའི་མཉམ་ལས་ཡིག་ཆར་མཚན་རྟགས་འགོད་རྒྱུ། ད་དུང་ཚོགས་ཞུགས་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་མི་སྣ་དང་ཕྱོགས་གཉིས་མཇལ་འཛོམས་གནང་བ་བརྒྱུད། ཕྱོགས་གཉིས་འབྲེལ་བ་དང་། འབོ་སེར་མཉམ་ལས་སོགས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་རྒྱུ་རེད། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་ཁག་དང་ལྷན་དུ་མཇལ་འཛོམས་ལ་གཡུར་ཟའི་གྲུབ་འབྲས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད་ཅེས་བསྟན་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཀེ་རེ་སིར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད་པར་ཙིར་དུ་ཕེབས་ནས་འབོ་སེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་གཅིག་པར་ཞུགས་གནང་རྒྱུ་ཡིན་པ།

ཀེ་རེ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཕ་ཧྥུ་ལོ་ཕུ་སི་དང་། པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པོ་ས་ནོ་ལའི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་11པའི་ཚེས་10ནས་ཚེས་15ཉིན་བར་ཀེ་རི་སིར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད། པར་ཙིར་དུ་ཕེབས་ནས་པར་ཙིར་ལི་ཡར་སྐོང་འཚོགས་བྱ་རྒྱུའི་འབོ་སེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་གཅིག་པར་ཞུགས་གནང་རྒྱུ་ཡིན་པ་རེད། སྤྱི་ཚེས་7ཉིན། ཕྱི་འབྲེལ་པུས་ཀྲུང་ཕྱིའི་སྨྱན་སྦྱོར་སྐུལ་སློང་ཚོགས་འདུ་སྐོང་འཚོགས་