ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་ནས་ཧྥ་རན་སིའི་ཙུང་ཐུང་དང་མཇལ་མོལ་གནང་བ།

2019-11-07 10:49:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་6ཉིན་མི་དམངས་ཚོགས་ཁང་ཆེན་མོར་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་དང་མཇལ་མོལ་གནང་ཡོད།

ཞི་ཅིན་ཕིང་གིས། ཁ་སང་། ངོས་དང་སྐུ་ཉིད་ནས་ཧྲང་ཧའེ་རུ་ཐུན་མོང་ཐོག་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་ནས་གཏམ་བཤད་བྱེད་སྐབས། འཛམ་གླིང་ཧྲིལ་པོར་ཕྱོགས་མང་རིང་ལུགས་དང་། རང་མོས་ཉོ་ཚོང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུའི་བརྡ་འཕྲིན་ཡག་པོ་བཏང་ཡོད། ང་ཚོས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གླེང་གཞིར་་གཏིང་ཟབ་ལྷུག་གླེང་དང་། ཕན་འབྲས་ཀྱིས་ཕྱུག་པའི་སྤེལ་རེས་བྱས་པས། ཕན་ཚུན་བསམ་ཤེས་དང་ཡིད་ཆེས་གཏིང་ཟབ་ཏུ་ཕྱིན་ཡོད། མིག་སྔའི་འཛམ་གླིང་གིས་ལོ་བརྒྱར་ཐོན་མ་མྱོང་བའི་འགྱུར་ལྡོག་ལ་ཁ་གཏད་གཅོག་སྐབས། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་པོ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་ཤར་ནུབ་ཤེས་དཔལ་གྱི་ཚབ་མཚོན་ཡིན་པའི་ངོས་ནས། འཐབ་ཇུས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་སྔར་ལས་མང་བ་ཕྲག་ཏུ་ཁུར་བ། རྒྱལ་ཁབ་ཆེན་པོའི་འགན་འཁྲི་མངོན་ཐུབ་པ་བཅས་བྱེད་དགོས། ངོས་ནས་སྐུ་ཉིད་དང་ལྷན་དུ། འཛམ་གླིང་ལ་ཁ་ཕྱོགས་པ་དང་། འབྱུང་འགྱུར་ལ་ཁ་ཕྱོགས་པ། མི་དམངས་ལ་ཁ་ཕྱོགས་པ་བཅས་ཀྱིས། ཀྲུང་གོ་དང་ཧྥ་རིན་སིའི་ཁྱོན་ཡོངས་མཉམ་ལས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་དང་། མུ་མཐུད་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་མདུན་གྲལ་དུ་བསྐྱོད་འདོད་ཡོད་ཅེས་གསུངས་ཡོད།

ཞི་ཅིན་ཕིང་གིས། མིག་སྔར། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་གོང་འཕེལ་འགྲོ་ཚུལ་བཟང་པོ་མངོན་ཡོད། ད་ལོའི་ཟླ་བ་3པར་ངོས་ནས་ཧྥ་རན་སིར་ རྒྱལ་དོན་མཚམས་འདྲི་ལེགས་པར་ཞུས་ཚུན། ང་ཚོའི་དབར་བྱུང་བའི་བཞེད་པ་གཅིག་མཐུན་དག་ད་ལྟ་ཧུར་བརྩོན་ཆེན་པོས་དོན་འཁྱོལ་ཡོང་བ་བྱེད་བཞིན་ཡོད། ཐའེ་ཧྲན་ཉིང་རྡུལ་གློག་འདོན་ས་ཚིགས་དང་པོ་དང་གཉིས་པ་ཚང་མ་འཛུགས་སྐྲུན་ཐུབ་ནས་ཚོང་གཉེར་ཁྲོད་བེད་སྤྱོད་བྱས་ཏེ། འཛམ་གླིང་ཧྲིལ་པོའི་ཐོན་གསུམ་པའི་ཉིང་རྡུལ་གློག་འདོན་ས་ཚིགས་འཛུགས་སྐྲུན་ཐད་རྒྱལ་ཁའི་དཔེ་སྟོན་མཁོ་འདོན་བྱས་ཡོད། རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་ཐོན་གཉིས་པའི་ཀྲུང་གོ་དང་ཧྥ་རན་སིའི་བཟོ་ལས་མཉམ་ལས་ཀྱི་དཔེ་སྟོན་རྣམ་གྲངས་གསལ་ཐོ་ཁྱབ་བསྒྲགས་བྱས་ཡོད། ཀྲུང་གོ་སྲིད་གཞུང་གིས་ཕ་རི་སིར་ཡོ་རོབ་སྒོར་མོ་དུང་ཕྱུར་40ཟིན་པའི་བུན་འཛིན་འགྲེམས་སྤེལ་ལེགས་གྲུབ་ཐུབ་ཡོད། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་པོས་ད་དུང་ཀྲུང་གོ་དང་ཡོ་རོབ་ཀྱི་ས་གཤིས་མཚོན་རྟགས་ཆོད་ཡིག་གི་དབྱེན་འབྱེད་གྲོས་མོལ་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཧྥ་རན་སིའི་ཕྱོགས་དང་མཉམ་དུ་དམིགས་འབེན་ཆེན་པོ་དྲུག་ལ་དམིགས་ནས། སྤེལ་རེས་མཉམ་ལས་གོང་འཕེལ་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་སྔར་བས་མང་བ་ཐོབ་པ་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

དེ་ཡང་གཅིག་ནི། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ལ་སྲུང་སྐྱོང་དང་དེར་སྐུལ་འདེད་གཏོང་དགོས། མུ་མཐུད་ཕན་ཚུན་བརྩི་འཇོག་བྱས་ནས། ཕན་ཚུན་བར་གྱི་བདག་དབང་དང་། ས་ཁོངས་ས་ཆ་ཆ་ཚང་། ལྟེ་བའི་ཁེ་ཕན། གཙོ་གནད་ཐོག་དོ་ཁུར་བྱེད་པའི་འདོད་ཚུལ་བཅས་དོན་དངོས་བྱ་སྤྱོད་ཐོག་དོན་འཁྱོལ་ཐུབ་པ་བྱེད་པ། ཁྲིམས་འཛིན་སྡེ་ཁག་དང་། སྲིད་ཏང་། དམག་དཔུང་སྤེལ་རེས་མཉམ་ལས་བཅས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་དབྱང་དང་ས་གནས་སྡེ་ཚན་ཁག་གིས་སྤེལ་རེས་འགྲོ་འོང་བྱ་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་པ་དང་། དྲ་བའི་བདེ་འཇགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།

གཉིས་ནི། མུ་མཐུད་རྣམ་གྲངས་ཆེན་མོའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཧྥ་རན་སིའི་ཕྱོགས་དང་ཉིང་རྡུལ་ནུས་པའི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་མཉམ་ལས་ལ་དམ་འཛིན་བྱས་ནས། ཀྲུང་གོའི་ཁེ་ལས་དང་ཧྥ་རན་སིའི་ཁེ་ལས་ཀྱིས་རྒྱལ་ཁབ་གཉིས་པོ་དང་། ཕྱོགས་གསུམ་ཁྲོམ་རར་མཉམ་ལས་གསར་པ་བྱ་རྒྱུའི་ཐད་གྲོས་བསྡུར་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་ཞུས་ནས། ཉིང་རྡུལ་ནུས་པའི་རྨང་གཞི་དང་མཐོ་གསར་ལག་རྩལ་མཉམ་ལས་ཐད་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མཁའ་འགྲུལ་དང་། མཁའ་བསྐྱོད་སོགས་ཁྱབ་ཁོངས་སུ་བཞག་པའི་མཉམ་ལས་གསར་པ་དག་དོན་འཁྱོལ་ལེགས་པོ་བྱེད་དགོས།

གསུམ་ནི། ཕྱོགས་གཉིས་ཁྲོམ་རའི་སྒོ་དབྱེ་རྒྱ་སྐྱེད་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་ཧྥ་རན་སིའི་ཕྱོགས་དང་ཕྱོགས་གཉིས་ཉོ་ཚོང་དང་མ་འཇོག་རྒྱ་བསྐྱེད་བཏང་ནས་ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བ་དང་། ཐུན་མོང་ཐོག་ཁྲོམ་རའི་སྒྲིག་སྲོལ་དང་གཞུང་དྲང་འགྲན་རྩོད་ཀྱི་རྩ་དོན་ལ་སྲུང་སྐྱོང་བྱེད་འདོད་ཡོད། ཧྥ་རན་སིའི་ཕྱོགས་ནས་ཀྲུང་གོར་དམིགས་པའི་མཐོང་ཆུང་རང་བཞིན་གྱི་སྲིད་ཇུས་འདོན་རྒྱུ་མིན་པའི་འདོད་ཚུལ་དོན་འཁྱོལ་ཐུབ་པ་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོའི་ཕྱོགས་ནས་ཁྲོམ་རའི་དགོས་མཁོ་དང་བསྟུན་ནས། སྤུས་ལེགས་བདེ་འཇགས་ཀྱི་ཧྥ་རན་སིའི་ཞིང་ལས་ཐོན་རྫས་སྔར་བས་མང་བ་ནང་འདྲེན་བྱས་ནས། ཞིང་ལས་ཐད་ཀྱི་ཁྱོན་ཡོངས་མཉམ་ལས་བྱ་འདོད་ཡོད། ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། གང་མགྱོགས་གདེང་ཚོད་དང་དོ་སྙོམས་ཀྱིས་ཕྱུག་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་ཅིག་འཇོག་ཐུབ་པ་བྱ་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

བཞི་ནི། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་གྲོས་འགོ་དང་ཡོ་རོབ་མནའ་འབྲེལ་དང་། ཡོ་རོབ་དང་ཨ་ཤེ་ཡའི་མཉམ་འབྲེལ་མཉམ་མཐུད་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཏན་འཁེལ་ཟིན་པའི་དཔེ་སྟོན་རྣམ་གྲངས་གསལ་ཐོ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ་དང་ཆབས་ཅིག ཁེ་ལས་སྔར་བས་མང་བ་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་ཁྲོད་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱ་རྒྱུ་དེ་སྦགས་མེད་སྒོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ལྔ་ནི། གསར་གཏོད་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཐུན་མོང་ཐོག་རྒྱུན་མཐུད་གོང་འཕེལ་མངོན་འགྱུར་ཐུབ་པ་བྱེད་དགོས། ཀྲུང་གོ་དང་ཧྥ་རན་སིའི་ཚན་རྩལ་མཉམ་ལས་གཏིང་ཟབ་པའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུ་སོགས་ཚུད་པའི་ཁོར་ཡུག་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཧྥ་རན་སིའི་ཁེ་ལས་སྔར་བས་མང་བ་ཀྲུང་གོ་དང་ཧྥ་རན་སིའི་ཝུ་ཧན་སྐྱེ་དངོས་དཔེ་སྟོན་གྲོང་འཛུགས་སྐྲུན་བྱེད་དུ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ནུས་རྒྱུ་གསར་པའི་རླངས་འཁོར་དང་། རིག་ནུས་དྲ་སྦྲེལ་རླངས་འཁོར། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་སྐྱེད་གཏོང་དགོས།

དྲུག་ནི། ཤེས་དཔལ་ཐད་ཕན་ཚུན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཐུན་མོང་ཐོག་སྤྱི་ལོ་2021ལོའི་ཀྲུང་གོ་དང་ཧྥ་རན་སིའི་རིག་གནས་ཡུལ་སྐོར་ལོའི་བྱེད་སྒོ་ལེགས་པོ་གཉེར་བ་དང་། དངོས་མང་བཤམས་མཛོད་ཁང་དང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱ་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཡིན།

ཞི་ཅིན་ཕིང་གིས། ཀྲུང་གོའི་ཕྱོགས་ཀྱིས་ཧྥ་རན་སིའི་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲིག་གཞིའི་ནང་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་རྨང་རྡོ་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་བཅས་ལ་སྲུང་སྐྱོབ་མཐའ་ཅིག་ཏུ་བྱེད་དགོས་པ་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་བསྒྱུར་བཅོས་གྲོས་མོལ་གཅིག་མཐུན་གྱི་བྱ་ཐབས་ཐོག་ནས་ཡང་དག་པའི་ཁ་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལྷག་པར་དུ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གོང་འཕེལ་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། ཐུན་མོང་ཡིན་རུང་ཁྱད་པར་ལྡན་པའི་འགན་འཁྲིའི་རྩ་དོན་རྒྱུན་འཁྱོངས་དང་། རྒྱལ་ཁབ་དེ་བས་མང་བ་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་ནང་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ། སྒོ་ཀུན་ནས་ཕ་རི་སིའི་གྲོས་ཆོད་དོན་འཁྱོལ་གཏིང་ཟབ་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

མ་ཁེ་ལུང་གིས། ཧྥ་རན་སི་དང་ཀྲུང་གོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་55འཁོར་བའི་དུས་བཟང་འདིར་ངོས་ནས་ཀྲུང་གོར་སླར་ཡང་འཚམས་འདྲི་ཞུ་རྒྱུ་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་། ངོས་དང་ཀྲུའུ་ཞི་ཞི་ཅིན་ཕིང་བར་གྱི་འགྲོ་འོང་ཟབ་མོ་ཡོད་པས་དེས་ཧྥ་རན་སི་དང་ཀྲུང་གོའི་བར་གྱི་མཛའ་གྲོགས་དང་ཆབ་སྲིད་ཡིད་ཆེས་གཏིང་ཟབ་ཏུ་བཏང་ཡོད་ལ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཀྱང་ཐེབས་ཡོད། ང་རང་ནས་ཀྱང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སི་དང་ཀྲུང་གོའི་བར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཏོན་གནང་བའི་དགོངས་ཚུལ་ལ་ཡོངས་སུ་མོས་མཐུན་ཞུ་ཡི་ཡོད། རྒྱལ་སྤྱིའི་གཙོ་གནད་གནད་དོན་ཐད་ཧྥ་རན་སི་དང་ཀྲུང་གོའི་ལངས་ཕྱོགས་མང་པོ་གཅིག་མཐུན་ཡིན། མིག་སྔའི་རྒྱལ་སྤྱིའི་གནས་བབ་འོག ཧྥ་རན་སི་དང་ཀྲུང་གོ་ཉིད་རྒྱལ་ཁབ་ཆེན་པོ་ཡིན་པའི་ངོས་ནས་དམིགས་གསལ་གྱི་འགན་འཁྲི་འཁུར་དགོས། ཧྥ་རན་སིས་ཀྲུང་གོའི་བར་གྱི་འགྲོ་འོང་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་དེར་དཔེ་སྟོན་གྱི་ནུས་པ་གལ་ཆེན་ལྡན་ཡོད། ཕྱོགས་གཉིས་བར་གྱི་འགལ་ཟླ་ཁག་ཅིག་ཧྥ་རན་སིས་ཕན་ཚུན་བརྩི་འཇོག་བྱེད་པའི་རྣམ་འགྱུར་ཐོག་ནས་ཐག་གཅོད་བྱེད་འདོད་ཡོད། ཧྥ་རན་སིའི་ཁེ་ལས་ཀྱིས་ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་གོ་སྐབས་དམ་འཛིན་གྱིས་ཀྲུང་གོའི་ཁྲོམ་རར་སྔར་ལས་ལྷག་པའི་སྒོ་ནས་ཞུགས་རྒྱུ་དང་། ཀྲུང་གོར་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། མཁའ་འགྲུལ་མཁའ་སྐྱོད་དང་། དམངས་སྤྱོད་ཉིང་རྡུལ་ནུས་པ་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གསར་གཏོད་དང་། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་གཏོང་བ་བཅས་བྱེད་འདོད་བྱེད་ཀྱི་ཡོད། ཀྲུང་གོས་ཧྥ་རན་སིར་ཡོ་རོབ་དངུལ་ལོར་གྱི་བུན་འཛིན་འགྲེམ་སྤེལ་བྱས་པ་དེས་ཧྥ་རན་སིར་དོན་སྙིང་གལ་ཆེན་ལྡན་ཡོད། ཧྥ་རན་སིས་ཀྲུང་གོའི་ཁེ་ལས་ཧྥ་རན་སིར་མཉམ་ལས་བྱེད་པར་ཡོང་རྒྱུར་སྒོ་དབྱེ་ཁོག་ཡངས་ཀྱི་རྣམ་འགྱུར་བཟུང་བ་ལས། ཀྲུང་གོའི་ཁེ་ལས་ལ་དམིགས་ནས་ཁྲོམ་རའི་སྒོ་མོ་རྒྱག་མི་སྲིད། ཧྥ་རན་སིས་རྒྱུད་གཅིག་ལམ་གཅིག་དང་ཡོ་རོབ་མནའ་འབྲེལ་དང་། ཡོ་རོབ་དང་ཨ་ཤེ་ཡའི་མཉམ་སྦྲེལ་མཉམ་མཐུད་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་སྦགས་མེད་ཀྱི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་འདོད་ཡོད། ཧྥ་རན་སི་དང་ཀྲུང་གོས་མི་ཆོས་རིག་གནས་སྤེལ་རེས་རྒྱ་བསྐྱེད་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཧྥ་རན་སི་དང་ཀྲུང་གོས་མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་འཇིགས་སྐུལ་ལ་ངོ་རྒོལ་དང་དབྱི་རན་གྱི་ཉིང་རྡུལ་གནད་དོན་སོགས་ཀྱི་ཐད་འཐབ་ཇུས་སྦྲེལ་མཐུད་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་བསྒྱུར་བཅོས་ལ་གང་མགྱོགས་འཕེལ་རིམ་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ཧྥ་རན་སི་དང་ཀྲུང་གོས་མཉམ་དུ་ཧྥ་རན་སི་དང་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་གནམ་གཤིས་འགྱུར་བའི་པེ་ཅིང་གྲོས་ཆོད་ཅེས་པ་འགྲེམ་སྤེལ་བྱ་རྒྱུ་ཡིན་ཞིང་། རྒྱལ་ཁབ་གཉིས་པོས་གནད་དོན་དེ་རིགས་ཐད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། མིག་སྔའི་ངེས་གཏན་མེད་པའི་འཛམ་གླིང་འདིར། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན། ཧྥ་རན་སིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་གཏིང་ཟབ་ཡོང་བ་བྱ་རྒྱུར་སྐུལ་འདེད་དང། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་མ་འཇོག་གྲོས་ཆོད་ཀྱི་དབྱེན་འབྱེད་གྲོས་མོལ་ལ་ཕན་འབྲས་གསར་པ་ཐོབ་པ་བྱེད་འདོད་ཡོད་ཅེས་གསུངས་ཡོད།

གྲོས་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕྱོགས་མང་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་བ་དང་། མཉམ་ལས་ཡིག་ཆ་དེ་དག་མཁའ་སྐྱོད་མཁའ་འགྲུལ་དང་། ཉིང་རྡུལ་ནུས་པ། འཕྲལ་སྒྲུབ་དོ་དམ། རིག་གནས་ཤུལ་བཞག ཞིང་ལས། བཟོ་ལས། རང་བྱུང་སྲུང་སྐྱོབ། དངུལ་རྩ། ཕྱོགས་གསུམ་མཉམ་ལས་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།

གཞན་ད་དུང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མཉམ་དུ་ཀྲུང་ཕྱིའི་གསར་འགོད་པ་དང་ཐུག་འཕྲད་གནང་བ་མ་ཟད་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཡོ་རོབ་མནའ་འབྲེལ་གྱི་ས་ཁམས་མཚོན་རྟགས་སྲུང་སྐྱོབ་དང་མཉམ་ལས་ཆོད་ཡིག་གི་དབྱེན་འབྱེད་གྲོས་མོལ་བྱེད་མཇུག་འགྲིལ་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ཞེས་པར་མིང་རྟགས་བཀོད་པར་དཔང་པོ་གནང་ཡོད།

རྒྱལ་ཁབ་གཉིས་པོས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་བྱ་སྤྱོད་འཆར་གཞི་ཞེས་པ་དང་ཀྲུང་གོ་དང་ཧྥ་རན་སིའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་གནམ་གཤིས་འགྱུར་བའི་པེ་ཅིང་གྲོས་ཆོད་ཅེས་པ་འགྲེམས་སྤེལ་བྱས་ཡོད།

མ་ཁེ་ལུང་གིས་དཔང་པོ་གནང་བའི་འོག ཞི་ཅིན་ཕིང་གིས་ཀྲུང་གོར་བཅའ་སྡོད་ཧྥ་རན་སིའི་གཞུང་ཚབ་ཆེན་མོ་གསར་པ་ལོ་ལེང་ནས་རྒྱལ་ཡིག་གོང་འབུལ་ཞུས་པ་དང་ལེན་གནང་ཡོད།

གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཐང་ཆེན་དུ་མ་ཁེ་ལུང་ལ་སྣེ་ལེན་ཞུ་བའི་མཛད་སྒོ་གཉེར་ཡོད། ཕེང་ལི་ཡོན་དང་། ཡང་ཅེ་ཁྲེ། ཧུའུ་ཁྲུན་ཧྭ། ཚའོ་ཅན་མིང་། ཝང་དབྱི། ཤ་པའོ་ལུང་། ཧོ་ལི་ཧྥོང་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག མིག་དམར་རྒྱལ་པོ།
ཡིག་སྒྱུར། བྱམས་པ་ཚེ་རིང་། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

ཞི་ཅིན་ཕིང་ནས་ཧྥ་རན་སིའི་ཙུང་ཐུང་དང་མཇལ་མོལ་གནང་བ།

ཞི་ཅིན་ཕིང་གིས། ཁ་སང་། ངོས་དང་སྐུ་ཉིད་ནས་ཧྲང་ཧའེ་རུ་ཐུན་མོང་ཐོག་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་ཞུགས་ནས་གཏམ་བཤད་བྱེད་སྐབས། འཛམ་གླིང་ཧྲིལ་པོར་ཕྱོགས་མང་རིང་ལུགས་དང་། རང་མོས་ཉོ་ཚོང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུའི་བརྡ་འཕྲིན་ཡག་པོ་བཏང་ཡོད། ང་ཚོས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གླེང་གཞིར་་གཏིང་ཟབ་ལྷུག་གླེང་དང་། ཕན་འབྲས་ཀྱིས་ཕྱུག་པའི་སྤེལ་རེས་བྱས་པས། ཕན་ཚུན་བསམ་ཤེས་དང་ཡིད་ཆེས་