ཆ་འཕྲིན་ཐེར་འདོན། mzjubao@cnr.cn

སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་རྒྱ་གར་དུ་ཕེབས་ནས་ཀྲུང་གོ་དང་རྒྱ་གར་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་མཇལ་མོལ་ཐེངས་གཉིས་པ་གནང་རྒྱུ་ཡིན་པ་དང་ཆབས་ཅིག་ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ།

2019-10-09 17:45:00     责编:卓玛才让

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༩ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས། རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་མོ་ཏི་དང་ནེ་པ་ལའེ་ཙུང་ཐུང་པན་ཏ་ལིས་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་༡༠ཚེས་༡༡ཉིན་ནས་ཚེས་༡༣ཉིན་བར་ཁག་སོ་སོར་རྒྱ་གར་དུ་ཀྲུང་གོ་དང་རྒྱ་གར་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་མཇལ་མོལ་ཐེངས་གཉིས་པར་ཞུགས་རྒྱུ་དང་། ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有